རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །
སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །

Noble and compassionate Tārā, we pray to you:
May I and all sentient beings, infinite in number,
Purify the two obscurations and swiftly perfect the two accumulations,
And in so doing may we gain perfect enlightenment.

དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །
ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །

Until then, in all our lives,
May we find supreme happiness among gods and human beings,
And may all obstacles to the attainment of omniscience,
As well as harmful influences and disease,

དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང༌་། །
འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །

All that brings untimely death,
All bad dreams and evil omens,
The eight major fears and all forms of harm,
All be swiftly pacified and eliminated.

འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །
འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །

May auspiciousness, happiness and prosperity,
Both worldly and transcendent,
Flourish and expand, and may all our wishes
Be effortlessly and spontaneously fulfilled.

སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང༌་། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང༌་། །
སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །

May we endeavour in the practice, may the Dharma spread,
May we always meditate on you, and behold your perfect face,
May we realize the nature of emptiness, and
May precious bodhicitta develop and expand, just like the waxing moon.

ཅེས་འདོད་དོན་གསོལ་འདེབས་རྗེ་བཙུན་གྲགས་པ་མཚན་རྒྱལ་གྱིས་མཛད་པའོ། །

by Jetsün Drakpa Gyaltsen

| Rigpa Translations

Jetsun Drakpa Gyaltsen

Printer-Friendly Version

If you would like to print this document you will need to login with a registered user. If you do not have a user, please request a user here.

LOGIN

License

    This text is a reproduction of the work originally published on the Lotsawa House website. It is presented here in accordance with the Creative Commons Attribution-NonCommercial License.