
- This event has passed.
བོད་སྐད་ཀྱི་འཆད་ཁྲིད་དུས་འཁོར་དབང་ཆེན་དང་བྱང་ཤམྦྷ་ལའི་ཞིང་ཁམས་གསལ་བཤད།
July 22, 2021 @ 7:30 pm – 8:30 pm UTC+10
ཕྱི་ཟླ་༧ཚེས་༢༢གྲོང་ཁྱེར་Melbourne གྱི་དགོང་མོའི་ཆུ་ཚོད་༧དང་ཕྱེད་སྟེང་དྲྭ་ཐོག facebook youtube zoom བརྒྱུད་དེ་འཆད་ཁྲིད།
འཛམ་གླིང་ཞི་བདེ་ཁ་ཙམ་མ་ཡིན་པའི། །ངེས་དོན་རྫོགས་ལྡན་གསར་བའི་བདེ་སྐྱིད་མཆོག །འདོད་ན་ཤམྦྷ་ལ་ཡི་ཡིན་ལུགས་དང་། །དུས་ཀྱི་འཁོར་ལོའི་དབང་གི་རིམ་པ་རྣམས། །ཁ་གསལ་དོན་ལྡན་ལག་ཏུ་ལེན་ཤེས་པ། །དྲི་མེད་ལུང་དང་རིགས་པས་གཏན་ལ་ཕབ། །གོ་བར་གྱིས་ཤིག་སྐལ་ལྡན་རིགས་ཀྱི་ཚོགས། །
།དུས་འཁོར་དབང་ཆེན་ཤམྦྷ་ལ་ཡི་ཆོས། །དེ་ཉིད་འཛམ་གླིང་ཞི་བདེའི་འབྱུང་གནས་མཆོག །རང་གཞན་ཕན་བདེའི་ལམ་བཟང་དེ་འཇུག་པའི། །ངེས་གསང་རྫོགས་ལྡན་ཆོས་ཀྱི་རྒྱལ་རྔ་ཉོན། །
རང་གིས་རང་ཉིད་བླུན་པོར་མི་འཇོག་པར། །ཉོན་དང་གོ་ལ་སོམས་དང་རྟོགས་ངེས་པའི། །བྱིས་པའི་གོམ་ཁ་ཁྲིད་པའི་བྱམས་བརྩེ་ཡོད། །ཟབ་དོན་རིམ་གྱིས་རྟོགས་པའི་ལེགས་བཤད་ཡིན། །